ལི་ཐང་རྫོང་གི་འབྲོག་ཁུལ་9ལ་སྦྲག་སྲིད་ཡོད་པར་གྱུར་བ།
ཡོང་ཁུངས། དཀར་མཛེས་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༡ ཚེས་ ༢༥

སྤྱི་ཟླ་11པའི་ཚེས་22ཉིན། ལི་ཐང་རྫོང་གི་འཕེལ་སྒྱུར་ཅུས་དང་ཀྲུང་གོ་སྦྲག་སྲིད་ཚོགས་པའི་ལི་ཐང་ཡན་ལག་ཀུང་སིས་སྦྲག་སྲིད་ཀྱི་དངོས་སྐྱེལ་སྦག་སྦག་འཁོར་ལོ་སྤྲོད་པའི་མཛད་སྒོ་སྤེལ། འདི་ནི་ལི་ཐང་རྫོང་གི་འབྲོག་ཁུལ་9ལ་སྦྲག་སྲིད་དངོས་སྐྱེལ་གྱི་སྦག་སྦག་འཁོར་ལོ་ཡོད་པ་མཚོན་པ་དང་། ཡུལ་ཤོག་དང་ལས་ཁུངས་ཁག་གིས་ཏང་གི་ཚགས་པར་དང་དུས་དེབ་སྔོན་ལས་གཟའ་འཁོར་གཅིག་གི་སྔོན་དུ་ལྟ་ཐུབ་པ་གྱུར་བ་རེད།།