རྔ་བ་ཁུལ་གཞོན་ནུའི་ཚན་རྩལ་ཁང་གིས་གཞོན་ནུ་ཚོར་ཁ་ཕྱོགས་ནས་རིན་མེད་ངང་སྒོ་ཕྱེ་པ།

ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༡ ཚེས་ ༢༥
          ཉེ་ལམ་རྔ་བ་ཁུལ་གཞོན་ནུའི་ཚན་རྩལ་ཁང་དངོས་སུ་གཉེར་འགོ་ཚུགས་པར་མ་ཟད་ཁུལ་ཡོངས་ཀྱི་ན་གཞོན་ལོ་ཆུང་ཚོར་ཁ་ཕྱོགས་ནས་རིན་མི་དགོས་པར་སྒོ་ཕྱེ། 
         རྔ་བ་ཁུལ་གཞོན་ནུ་ཚན་རྩལ་ཁང་བཙུགས་པ་དེས་ཁུལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ཚོ་ཚན་རྩལ་བྱེད་སྒོ་དང་། ཚན་རྩལ་གསར་གཏོད་མྱོང་རོལ་སོགས་ལ་འཛུལ་ཞུགས་ཐུབ་པའི་གར་སྟེགས་ཞིག་མཁོ་སྤྲོད་བྱས་ཡོད་པ་དང་།   བྱེད་སྒོ་འདིས་རྔ་བ་ཁུལ་གྱི་ཚན་རྩལ་རིག་གནས་སྔར་ལས་ཇེ་ལེགས་སུ་གཏང་རྒྱུ་དང་ཚན་རིག་དང་སློབ་གསོར་བརྟེན་ནས་ཁུལ་ཡོངས་ཀྱི་དར་རྒྱས་ཡོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་།།