ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གི་མངག་བཅོལ་ལྟར་ལོའུ་ཀའོ་ཀྲུང་སྔོན་གཤེགས་དཔའ་བོ་ཡུས་ཞུས་ཡི་ཁྱིམ་ཏུ་མཚམས་འདྲིར་ཕེབས།

གནམ་གྲུ་གཏོང་མཁན་ཡུས་ཞུས་སྟབས་མ་ལེགས་པར་རང་སྲོག་ཤོར་བ་དེས་སི་ཁྲོན་མི་དམངས་ལ་གདུང་སེམས་སྐྱེས་སུ་བཅུག ཟླ11པའི་ཚེས20ཉིན། སྔོན་གཤེགས་དཔའ་བོ་ཡུས་ཞུས་ཡི་གདུང་ཐལ་ཁོ་མོའི་ཕ་ཡུལ་སི་ཁྲོན་ཁྲོང་ཀྲུའུ་གྲོང་ཁྱེར་གསར་བརྗེ་སྔོན་གཤེགས་དཔའ་བོའི་དུར་ཁྲོད་དུ་བཞག

ཉིན་དེའི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་མངག་བཅོལ་ལྟར།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལོའུ་ཀའོ་ཀྲུང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ལོའུ་ཅ་ཀའོ། ཞིང་དཔོན་གཞོན་པ་ཝང་མིང་ཧེ་བཅས་ཁྲོང་ཀྲུའུ་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོ་ཡུས་ཞུས་ཡི་ཁྱིམ་ཏུ་ཕེབས་ནས། ཁོ་མོའི་ཕ་མ་གཉིས་ལ་མཚམས་འདྲི་གནང་།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། དེ་མིན་སི་ཁྲོན་གྱི་སྤྱི་དམངས་ཡོངས་ཀྱིས་སྔོན་གཤེགས་དཔའ་བོ་ཡུས་ཞུས་སྐུ་འདས་པར་གདུང་སེམས་དང་ཚད་མེད་སྐྱེས་བཞིན་པར་མ་ཟད་རྗེས་དྲན་བྱེད་བཞིན་པའི་གནས་ཚུལ་ཞུས།

སྔོན་གཤེགས་དཔའ་བོ་ཡུས་ཞུས་ཡི་ཁྱིམ་དུ། ལོའུ་ཀའོ་ཀྲུང་གིས་ཐོག་མར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་བློ་མཐུན་ཡུས་ཞུས་སྟབས་མ་ལེགས་པར་རང་སྲོག་ཤོར་བར་མྱ་ངན་ཞུས་པ་དང་ཁོ་མོའི་ཕ་གཉིས་ལ་སྙིང་ཉེ་བའི་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་བྱས་ཤིང་། ཡུས་ཞུས་ཡི་ཕ་མ་གཉིས་ཀྱི་བྱ་བ་དང་འཚོ་བའི་གནས་ཚུལ་སྐོར་ལ་རྒྱུས་ལོན་བྱས་ཏེ། ཁོང་གཉིས་ཀྱི་རང་ཉིད་ཀྱི་ལུས་ཕོང་ལ་བདག་བྱ་དགོས་པའི་རེ་བ་གནང་།
ཡུས་ཞུས་ཡི་ཕ་མ་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྟ་སྐྱོང་གནང་བ་དང་། སྤྱི་ཚོགས་ཀྱི་ལས་རིགས་ཁམས་སོ་སོའི་ཡུས་ཞུས་ལ་རྗེས་དྲན་དང་མྱ་ངན་ཞུས་པར་བཀའ་དྲིན་ཞུས། ཡུས་ཞུས་མ་འདས་པའི་སྔོན་དུ་རང་གི་ཕ་ཡུལ་ལ་དགའ་བ་དང་གནས་འདི་ལ་དགའ་བས། ཁོ་མོས་ཀྱང་ཕ་ཡུལ་མི་དམངས་གིས་ཁོ་མོར་བཅངས་བའི་བརྩེ་བ་དེ་མྱོང་ཐུབ་པར་ཡིད་ཆེས་ཡོད་ཅེས་བཤད།
ཞིང་ཆེན་ཐད་གཏོགས་གི་འབྲེལ་ཡོད་སྡེ་ཁག་དང་ཁྲེན་ཏུའུ་གྲོང་ཁྱེར་གྱི་འབྲེལ་ཡོད་ཀྱི་འགན་ཁུར་བློ་མཐུན་རྣམས་འཚམས་འདྲི་གནང་བའི་ཁྲོད་དུ་བཞུགས།།