ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༡ ཚེས་ ༢༡
ཉེ་ཆར། ཨ་རིའི་རྒྱལ་ཁབ་ཀྱི་རྒྱ་མཚོ་དང་རླུང་ཁམས་ཆེན་མོའི་དོ་དམ་ཅུས་ཀྱིས་གསལ་བཤད་བྱས་པ་ལྟར་ན། འདས་ཟིན་པའི་ཟླ་བ་10དང་2003ལོའི་སྤྱི་ཟླ་10པའི་དུས་མཚམས་གཉིས་ཞིབ་བསྡུར་བྱས་པར་དྲོད་ཚད་ཀྱི་ཟིན་ཐོའི་ལོ་རྒྱུས་ཐོག་ཟླ་བ་10བར་ནི་དྲོད་ཚད་མཐོ་ཤོས་ཨང་གསུམ་པ་ཡིན་པ་ཤེས་རྟོགས་བྱུང་། དེ་མིན། ད་ལོའི་ཟླ་བ་10ཡི་རིང་ལ་སྔར་བཞིན་ལོ་རྒྱུས་ཐོག་དྲོད་ཚད་ཆེས་མཐོ་བའི་ཟླ་བ་10ཡིན་ལ། སྤྱི་ལོ་2016ལོར་སྔར་བཞིན་དྲོད་ཚད་ཆེས་ཆེ་བའི་གནམ་གཤིས་ཀྱི་རྒྱུན་སྐྱོང་བཞིན་ཡོད་པ་རེད།།