མཛོད་དགེ་རྫོང་གིས་གཞི་རིམ་དུ་དྲོད་ཁོལ་བསྐྱལ་བའི་བྱེད་སྒོ་སྤེལ།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༡ ཚེས་ ༡༨

        

        ཉེ་ལམ། མཛོད་དགེ་རྫོང་གིས་འ་སྐྱིད་ཡུལ་ཤོག་གི་རྫོང་རིམ་པའི་རོགས་སྐྱོར་སྡེ་ཁག་དང་མཉམ་འབྲེལ་གྱིས་འ་སྐྱིད་ཡུལ་ཤོག་གི་རོགས་སྐྱོར་སྡེ་བ་སོ་སོར་གཞི་རིམ་དུ་དྲོད་ཁོལ་བསྐྱལ་དུ་བསྐྱོད་པ་ཞེས་པའི་དངོས་ཟོག་སྤྲོད་པའི་བྱེད་སྒོ་སྤེལ། ཐེངས་འདིའི་བྱེད་སྒོའི་ཐོག་འ་སྐྱིད་ཡུལ་ཤོག་གི་དབུལ་ཕོངས་དུད་ཁྱིམ་46རེ་རེར་ཉལ་གོས་གཉིས་རེ་སྤྲད།།