ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༡ ཚེས་ ༡༨
སྤྱི་ཟླ་11པའི་ཚེས་16ཉིན། གྷི་རི་སིའི་ཨ་ཐེན་སི་རུ། ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཡིས་གཏམ་བཤད་མཇུག་རྫོགས་རྗེས་མང་ཚོགས་ལ་ལག་བརྡ་བསྟན་ནས་བདེ་མོ་བཞག ཨོ་བྷ་མ་གྷི་རི་སིའི་ཙུང་ལི་ཅི་ཕུའུ་ལ་སི་(Alexis Tsipras)ཕེབས་རོགས་འོག་ཨ་ཐེན་སི་རུ་གཏམ་བཤད་གནང་། ཁོང་གིས་འཛམ་གླིང་གི་ས་གནས་སོ་སོས་དཔལ་འབྱོར་གྱི་འགྲན་རྩོད་ལ་ཇི་ལྟར་གདོང་གཏོད་དགོས་པ་དང་། དུས་མཚུངས་སུ་དཀྱེལ་ཡངས་རང་བཞིན་ལ་སྐུལ་འདེད་དང་དྲང་བདེན་མ་ཡིན་པའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་གཏམ་བཤད་སྤེལ།།