སྨི་བརྒྱའི་ཐང་ག་ཐེན་ཅིན་དུ་འགྲེམས་སྟོན་བྱས། ལྷ་བཟོ་བ་བཅུས་ལོ་6ལ་བྲིས།

ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༡ ཚེས་ ༡༧

        ཟླ་11ཚེས་15ཉིན། 《གངས་ལྗོངས་ཀྱི་གཅེས་ནོར། ཆོས་དབྱིངས་ཀྱི་ནོར་མཛོད།》——ཆཱན་ཀྲོང་རེབ་གོང་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དེ་ཐེན་ཅིན་པིན་ཧའེ་ཁུལ་གསར་དུ་སྤེལ། ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིར་འགྲེམས་སྟོན་བྱས་པའི་སྨི་བརྒྱའི་ཐང་གའི་ནང་དོན་ཚན་པ་ལྔར་བགོས་ཡོད་པ་དང་། རེབ་གོང་ཐང་གའི་ཐིག་རྩ་ལྟར་ཚད་གཞི་ནན་མོས་ལྷ་བཟོ་བ་བཅུས་སོལ་བས་སྐྱ་ཐིག་ཕབ་པ་ནས། གཏེར་རྫས་ཚོན་སྣ་སྤྱི་རྒྱ་30དང་གསེར་ལྷད་མེད་སྤྱི་རྒྱ་1བཀོལ་ཏེ། དུས་ཡུན་ལོ་6ལ་ཞིབ་མོར་བྲིས་པ་རེད།།