ཁྲོ་ཆུ་རྫོང་གིས་ཞིང་འབྲོག་ཚན་རྩལ་དྲིལ་སྒྲོག་བྱེད་སྒོ་རྩ་འཛུགས་བྱས།

ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༡ ཚེས་ ༡༧

ཉེ་ཆར། ཁྲོ་ཆུ་རྫོང་ཞིང་ལས་ནགས་འཛུགས་སྡེ་ཁག་གིས་གཤོང་སའི་དཔལ་འབྱོར་དང་སྐྱེ་ཁམས་ཞིང་ལས་འཛུགས་སྐྲུན། མཛེས་སྡུག་ལྡན་པའི་བདེ་སྐྱིད་རི་གྲོང་འཛུགས་སྐྲུན་སོགས་ཀྱི་དྲིལ་སྒྲོག་བྱེད་སྒོ་རྩ་འཛུགས་བྱས་ཏེ། དྲིལ་སྒྲོག་རྒྱུ་ཆ་དེབ་300ལྷག་བཀྲམ་ནས་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ། །