རྔ་བ་ཁུལ་གྱི་གླུ་གར་ཚོགས་པས་ཨ་རིའི་ཤིའུ་སི་ཏུན་དང་ཉིའུ་ཡོ་གྲོང་ཁྱེར་དུ་འཁྲབ་སྟོན་བྱས།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༡ ཚེས་ ༡༧

        སྤྱི་ཟླ་11པའི་ཚེས་8ནས་ཚེས་16ཉིན་བར། ཀྲུང་གོ་རྒྱལ་སྲིད་སྤྱི་ཁང་གསར་འགྱུར་གཞུང་སྒྲུབ་ཁང་དང་ཤིའུ་སི་ཏུན་དང་ཉིའུ་ཡོ་རུ་བཅའ་སྡོད་བྱས་པའི་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་སོགས་སྡེ་ཁག་མང་པོས་མཉམ་དུ་བསྒྲུབས་པའི་ཀྲུང་གོར་རྒྱུས་ལོན་བྱེད་པ་དང་ཀྲུང་གོའི་ནུབ་ཁུལ་གྱི་རིག་གནས་ཨ་རིར་བསྐྱོད་པ་ཞེས་པའི་མུ་འབྲེལ་བྱེད་སྒོ་ཨ་མེ་རི་ཁའི་ཤིའུ་སི་ཏུན་དང་ཉིའུ་ཡོ་གྲོང་ཁྱེར་དུ་སྤེལ། 


        ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་དང་སྙན་ཞུ་ཚོགས་འདུ། སྨྱན་བྱད་བརྗེ་རེས་ཚོགས་འདུ། དངོས་བཤུས་གློག་བརྙན་འགྲེམ་གཏོང་དང་རིག་རྩལ་འཁྲབ་སྟོན་སོགས་ཀྱི་རྣམ་པ་བརྒྱུད་དེ་ཨ་རིའི་མི་རྣམས་ལ་རང་ཉིད་དང་ཆེས་ཐག་ཉེ་ས་ནས་ཀྲུང་གོའི་ནུབ་ཁུལ་རིག་གནས་ཀྱི་མཛེས་པ་ཚོར་དུ་བཅུག