ཨི་ཟི་རེལ་དུ་སྐབས་བཞི་པའི་རྒྱལ་ཁབ་ཀྱི་མངའ་ཁོངས་བདེ་འཇགས་དང་བརྡ་འཕྲིན་བཤམ་སྟོན་འདུ་ཚོགས་འཚོགས།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༡ ཚེས་ ༡༧

        སྤྱི་ཟླ་11པའི་ཚེས་15ཉིན། ལྟད་མོ་བས་ཨི་ཟི་རེལ་དུ་སྐབས་བཞི་པའི་རྒྱལ་ཁབ་ཀྱི་མངའ་ཁོངས་བདེ་འཇགས་དང་བརྡ་འཕྲིན་བཤམ་སྟོན་འདུ་ཚོགས་ལ་གཟིགས་ཞིབ་བྱེད་བཞིན་པ།

        ཉིན་དེར། ཨི་ཟི་རེལ་གྱི་ཐེ་ལ་ཝེ་ཧྥུ་ཚོགས་བཤམ་ལྟེ་གནས་སུ་སྤེལ་བའི་སྐབས་བཞི་པའི་རྒྱལ་ཁབ་ཀྱི་མངའ་ཁོངས་བདེ་འཇགས་དང་བརྡ་འཕྲིན་བཤམ་སྟོན་འདུ་ཚོགས་འཚོགས། འབྲེལ་ཡོད་ཀྱི་ཁེ་ལས་160འགྲེམ་སྟོན་ཚོགས་འདུར་ཞུགས་ཤིང་། བདེ་ཟོན་དང་བརྡ་འཕྲིན་བདེ་འཇགས་ཁྱབ་ཁོངས་ཀྱི་ཐོན་རྫས་གསར་པ་དང་ལག་རྩལ་གསར་པ་འགྲེམ་སྟོན་བྱས།།