ཡུལ་སྐོར་བས་དགུན་དུས་བོད་དུ་ཁྱིམ་ཚང་ཡུལ་སྐོར་གྱི་སྤྲོ་སྣང་ལོངས་སུ་སྤྱོད་པ།
ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༡ ཚེས་ ༡༥

སྤྱི་11ཚེས་12 ཉིན། ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་སོགས་ཀྱིས་གཙོ་གཉེར་གནང་བའི་ལྷ་སའི་གྲོང་མིའི་ཁྱིམ་དུ་དགུན་དུས་ཁྱིམ་ཚང་ཡུལ་སྐོར་མྱོང་རོལ་བྱེད་ཅེས་པའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་གྱི་ཉེ་འཁོར་རྫོང་དང་ཤང་ཁག་ཏུ་སྤེལ་བ་དང་། ཡུལ་སྐོར་བ་ཚོར་གངས་ལྗོངས་ས་མཐོའི་དགུན་དུས་ཡུལ་སྐོར་གྱི་སྤྲོ་སྣང་མི་འདྲ་བ་ཞིག་མཁོ་འདོན་བྱས་ཡོད།།

ཡུལ་སྐོར་བས་བོད་ལྗོངས་ཀྱི་ཁྱིམ་ཚང་མགྲོན་ཁང་དུ་ཁྱད་ལྡན་བོད་ཟས་ལོངས་སུ་སྤྱོད་བཞིན་པ།

བོད་རིགས་སྤུན་ཟླ་དང་ཡུལ་སྐོར་བ་དག་གིས་མཉམ་དུ་སྐོར་བྲོ་འཁྲབ་བཞིན་པ།