ལི་ཐང་རྫོང་གི་ཞིང་འབྲོག་མང་ཚོགས་རྣམས་ཀྱིས་རང་ཡུལ་དུ་རླངས་འཁོར་ཁ་ལོ་བའི་ལག་ཁྱེར་ལ་རྒྱུགས་སྤྲད་ཆོག་པ།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༡ ཚེས་ ༡༥
        ཉེ་ཆར།  ལི་ཐང་རྫོང་གི་ཞིང་འབྲོག་མང་ཚོགས་50ལྷག་ས་གནས་དེ་གའི་འགྲིམ་འགྲུལ་ཉེན་རྟོག་ཁང་ནས་རླངས་འཁོར་ཁ་ལོ་བའི་ལག་ཁྱེར་ཐོབ། ད་ནས་བཟུང་རྫོང་དེའི་ཞིང་འབྲོག་མང་ཚོགས་རྣམས་ཀྱིས་རང་ཡུལ་དུ་རླངས་འཁོར་ཁ་ལོ་བའི་ལག་ཁྱེར་ལ་རྒྱུགས་སྤྲད་ཆོག་པ་རེད།

        2016ལོར།  ལི་ཐང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག   ཏང་གི་མང་ཚོགས་ལམ་ཕྱོགས་གཏིང་ཟབ་ཏུ་བཏང་ནས་རྫོང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་རྣམས་ཀྱིས་རང་ས་གནས་སུ་རླངས་འཁོར་ཁ་ལོ་བའི་ལག་ཁྱེར་ལ་རྒྱུགས་སྤྲད་ཆོག་པར་གྱུར།   ད་ལོའི་ཟླ་9ནས་བཟུང་།  སློབ་མ་400ལྷག་བསྡུ་ལེན་བྱས་པ་དང་200ལྷག་གསོ་སྦྱོང་བྱས།   ཚན་ཁག་དང་པོ་རྒྱུགས་འཕྲོད་མཁན་160ལྷག་དང་ཚན་ཁག་གཉིས་པ་དང་གསུམ་པ་རྒྱུགས་འཕྲོད་མཁན་80ལྷག   2016ལོའི་ཟླ་11པའི་ཚེས་1ཉིན་ལ་དཔང་ཡིག་ལག་ཏུ་ཐོབ་མཁན་50ལྷག་ཡོད་པ་རེད།།