དར་མདོ་སློབ་འབྲིང་ལ་werའཛམ་གླིང་སློབ་གསོ་འཕྲུལ་མིའི་འགྲན་སྡུར་སྟེང་བྱ་དགའ་ཐོབ།
ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༡ ཚེས་ ༡༠
ཉེ་ཆར། སི་ཁྲོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས་ཤིང་། གྲོང་ཁྱེར་དང་མི་རིགས་ས་ཁུལ་ཁག་གི་ཚན་རྩལ་མཐུན་ཚོགས་ཀྱིས་རོགས་སྒྲུབ་བྱས་པའིwerའཛམ་གླིང་སློབ་གསོ་འཕྲུལ་མིའི་འགྲན་སྡུར་གྱི་ཀྲུང་གོ་ལྷོ་ནུབ་ས་ཁུལ་གྱི་འགྲན་སྡུར་དེ་ཁྲེན་ཏུའུ་སློབ་འབྲིང་ཨང་བདུན་པར་གཟབ་རྒྱས་ངང་སྤེལ།
རིམ་པ་རེ་རེ་བཞིན་བདམས་ཐོན་བྱང་བྱུང་བའི་འཐུས་མི་ཚོགས་པ་500ལྷག་ཐེངས་འདིའི་འགྲན་སྡུར་ལ་ཞུགས་ཤིང་། དཀར་མཛེས་ཁུལ་གྱི་དར་མདོ་སློབ་འབྲིང་སོགས་འཐུས་ཚོགས་ཁག་4འགྲན་སྡུར་ནང་ཞུགས། ལི་ཕེ་ལེའང་ཚོགས་ཆུང་ལ་འཕྲུལ་མིའི་འགྲན་སྡུར་སྟེང་སྐར་མ་126ཐོབ་ཅིང་རྣམ་གྲངས་དེའི་ཨང་དང་པོའི་བྱ་དགའ་ཐོབ་པ་དང་། རྗེས་མར་རྒྱལ་ཡོངས་འཕྲུལ་མིའི་འགྲན་སྡུར་ལ་ཞུགས་རྒྱུ་རེད།།
