དཀར་མཛེས་ཁུལ་གྱི་སྐབས་གསུམ་པའི་རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ལ་ཚུད་པའི་དུད་ཁྱིམ་ཐོ་འགོད་མཛད་སྒོ་དར་མདོ་ནས་སྤེལ།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༡ ཚེས་ ༣

       


        ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ནི་ཁྱོན་ཡོངས་ནས་“ཞིང་གསུམ”གྱི་འཕེལ་རྒྱས་དང་འགྱུར་ལྡོག་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་སྟོབས་ཐད་ཀྱི་རྟོག་ཞིབ་གལ་ཆེ་ཞིག་ཡིན།  རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་སྤེལ་དོན་ནི།  རང་རྒྱལ་གྱི་ཞིང་ལས་དང་ཞིང་སྡེ།  ཞིང་པ་བཅས་ཀྱི་རྩ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དེ་ཡིན།  ཚན་རིག་དང་མཐུན་པའི་“ཞིང་གསུམ”སྲིད་ཇུས་གཏན་འབེབས་དང་རང་རྒྱལ་གྱི་ཞིང་ལས་དེང་རབས་ཅན་མངོན་འགྱུར་འབྱུང་པར་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་པར་འགྲུབ་པར་དོན་སྙིང་གལ་ཆེན་ལྡན་པ་རེད།

        དཀར་མཛེས་ཁུལ་གྱིས་ཞིང་ལས་ཞིབ་བཤེར་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཆེད། སྤྱི་ཟླ་11པའི་ཚེས་1ཉིན། དར་མདོ་གྲོང་ཁྱེར་གྱི་མཛའ་གཞས་ཐང་ཆེན་དུ་དཀར་མཛེས་ཁུལ་གྱི་སྐབས་གསུམ་པའི་རྒྱལ་ཡོངས་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ལ་ཚུད་པའི་དུད་ཁྱིམ་ཐོ་འགོད་མཛད་སྒོ་སྤེལ།

        སྤྱི་ཚོགས་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་དོ་སྣང་དང་ཞིབ་བཤེར་བྱ་ཡུལ་གྱིས་བདེན་པ་དང་ཡང་དག འཐུས་ཚང་། དུས་ཐོག་གི་ཡོངས་ཁྱབ་ཞིབ་བཤེར་ཡིག་ཆ་འདོན་སྤྲོད་བྱེད་པར། རྒྱ་ཆེའི་ཡོངས་ཁྱབ་ཞིབ་བཤེར་མི་སྣས་ཁྲིམས་བསྟུན་དང་ཚུགས་ཐུབ། ཚན་རིག་དང་མཐུན་པའི་སྒོ་ནས་ཐོ་འགོད་ལས་དོན་ལེགས་པར་འགྲུབ་དགོས་པ་དང་། སྤྱི་ཚོགས་ལས་རིགས་སོ་སོས་སྔར་ལས་ལྷག་པར་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ལས་ཀར་དོ་སྣང་དང་རྒྱུས་ལོན། རྒྱབ་སྐྱོར་བྱ་དགོས། །