བོད་ཀྱི་རྩོམ་པ་པོ་བསྟན་འཛིན་ལགས་ཀྱིས་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་ནས་མཛེས་དཔྱོད་རིག་པ་དང་མིའི་རིག་པ་ཞེས་པའི་འཆད་ཁྲིད་གནང་།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༡ ཚེས་ ༢
        སྤྱི་ཟླ་10བའི་ཚེས་25ཉིན། བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་དང་བོད་ལྗོངས་དེང་རབས་རྩོམ་རིག་ཞིབ་འཇུག་ལྟེ་གནས་ཀྱིས་གདན་ཞུ་བྱས་པ་ལྟར། དེང་རབས་བོད་ཀྱི་མིང་དུ་གྲགས་པའི་རྩོམ་པ་པོ་བསྟན་འཛིན་ལགས་ཀྱིས་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་ནས་མཛེས་དཔྱོད་རིག་པ་དང་མིའི་པ་ཞེས་པའི་འཆད་ཁྲིད་གནང་། 
        སྐུ་ཞབས་བསྟན་འཛིན་ལགས་ཀྱིས་མཛེས་དཔྱོད་རིག་པ་དང་དང་མིའི་རིག་པའི་བརྡ་དོན་གསལ་བོར་འགྲེལ་བར་མ་ཟད། དེ་འབྲེལ་གྱི་རིག་པའི་གཞུང་ལུགས་ཀྱི་ངོ་བོ་དང་ལོ་རྒྱས་སོགས་ཀྱིས་ཐད་ནས་རྒྱས་བཤད་གནང་། དེ་མིན་ཁོང་གིས་རྒྱལ་ཁབ་ཕྱི་ནང་དང་གནའ་དེང་ཟུང་འབྲེལ་གྱིས་སྲོལ་རྒྱུན་རིག་གནས་ཀྱི་གནས་བབ་ཐད་ཀྱི་གནད་དོན་དང་དངོས་ཡོད་འཚོ་བའི་ཁྲོད་ཇི་ལྟར་མཛེད་རྟོག་གི་འཚོ་བ་མངོན་འགྱུར་བྱུང་བའི་ཐད་ནས་རང་ངོས་ཀྱི་ཉམས་མྱོང་དང་སྦྲགས་ནས་འཆད་ཁྲིད་སྤེལ། །