ལོ་ན་བརྒྱད་ཅུར་སོན་པའི་བག་མ།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༠ ཚེས་ ༢༦
        སྤྱི་ཟླ་10པའི་ཚེས་22ཉིན། དབྱིན་ཇིའི་《ཉིན་རེའི་སྦྲག་སྲིད་ཚགས་པར།》ལས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉེ་ལམ། ཨ་རིའི་ལོ་ན་བརྒྱད་ཅུ་ཅན་གྱི་བག་མ་ཞིག་གིས་རང་ཉིད་ཀྱིས་བཟོས་པའི་བག་ལྭ་གྱོན་ནས་གནས་ལ་ཕྱིན། ཁོ་མོས་གཉེན་སྒྲིག་གི་བག་ལྭ་གྱོན་པའི་འདྲ་པར་དག་མཐོང་རྗེས་དྲྭ་གྲོགས་རྣམས་ཀྱི་ཡིད་སེམས་དབང་མེད་དུ་ལོ་ན་བགྲེས་པའི་ཁོ་མོར་ཕྱོགས།
        སྨི་ལི་ཐའེ་ལེ་མོ་ལི་སེན་(Millie Taylor-Morrison)ད་ལོ་86ཡིན་ལ།  ལོ་ངོ་50སྔོན་ལ། ཁོ་མོ་ཨ་རིའི་ཞིན་ཙེ་ཞི་ཀྲོའུ་Belle Meadཡི་གཟུགས་དཔེའི་སྤྱི་གཉེར་ཁང་(Belle Mead modelling agency)གི་གཟུགས་དཔེའི་མི་སྣ་ཡིན། །