སི་ཁྲོན་བོད་ཆའང་དབྱིས་རིགས་ཀྱི་རོལ་དབྱངས་འཕེལ་རྒྱས་ཀྱི་བརྗེ་རེས་བགྲོ་གླེང་ཚོགས་འདུ་དར་མདོ་ནས་འཚོགས་པ།

ཡོང་ཁུངས། དཀར་མཛེས་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༠ ཚེས་ ༢༥
        ཉེ་ཆར། སི་ཁྲོན་བོད་ཆའང་དབྱིས་རིགས་ཀྱི་རོལ་དབྱངས་འཕེལ་རྒྱས་ཀྱི་བརྗེ་རེས་བགྲོ་གླེང་ཚོགས་འདུ་དར་མདོ་ནས་འཚོགས།
        ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྟེང་རྒྱལ་ཡོངས་ཀྱི་རོལ་དབྱངས་རིག་གནས་ཁྱབ་ཁོངས་ཀྱི་མིང་དུ་གྲགས་པའི་ཆེད་མཁས་པ་དང་བོད་ཆའང་དབྱིས་རིགས་ཀྱི་རིག་གནས་ཐོན་ལས་བར་ཁྱམས་ཀྱི་རོལ་དབྱངས་བ་དང་རིག་གནས་ལས་གཞིའི་འགན་པ་མང་པོ་མཉམ་དུ་འདུས་ནས་དར་མདོ་མཛའ་གཞས་སྤུས་རྟགས་རྒྱུན་མཐུད་ཀྱི་འཕེལ་རྒྱས་དང་སི་ཁྲོན་གྱི་རོལ་དབྱངས་ཐོན་ལས་ཀྱི་གོང་འཕེལ། སི་ཁྲོན་ཞིང་ཆེན་གྱི་བོད་ཆའང་དབྱིས་རིགས་ཀྱི་རོལ་དབྱངས་དར་འཕེལ་བཅས་བརྗོད་དོན་གཙོ་བོ་གསུམ་ལ་དམིགས་ནས་བོད་ཆའང་དབྱིས་རིགས་ཀྱི་རོལ་དབྱངས་འཕེལ་རྒྱས་ཐད་ལ་བགྲོ་གླེང་གནང་།