ཞི་ཅིན་ཕིང་གིས་ཁམ་བྷོ་དི་ཡ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༠ ཚེས་ ༡༤

ཞི་ཅིན་ཕིང་གིས་ཁམ་བྷོ་དི་ཡ་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་ཞུས། ཞི་ཅིན་ཕིང་གིས་ཁམ་བྷོ་དི་ཡ་ནི་ཡོ་རོབ་ཤར་མའི་ཁོངས་མི་གཙོ་བོ་ཞིག་ཡིན་ལ། ཉེ་བའི་ལོ་ཤས་རིང་། ཁམ་བྷོ་དི་ཡ་ཡིས་རྒྱལ་ཁབ་འཛུགས་སྐྲུན་ཁྲོད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཤིང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་ཕྱིན་པར་མ་ཟད། ས་གནས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཕན་ནུས་གལ་ཆེན་འདོན་བཞིན་ཡོད་པ་རེད། ཀྲུང་གོ་དང་ཁམ་བྷོ་དི་ཡ་ནི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ་ཡིན། རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་ངོ་58འགོར་བའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་རྒན་རབས་འགོ་ཁྲིད་ཀྱིས་མཉམ་དུ་གསར་སྤེལ་དང་གསོ་སྐྱོང་བྱས་པའི་ཀྲུང་གོ་དང་ཁམ་བྷོ་དི་ཡའི་མཛའ་འབྲེལ་གྱིས་རྒྱལ་སྤྱིའི་འགྱུར་ལྡོག་ལ་ཁ་གཏད་པ་དང་། དེ་མིན་རྒྱལ་ཁབ་གཉིས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་མཛའ་འབྲེལ་གཏིང་ཟབ་ཏུ་ཕྱིན་པ་དེས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་དངོས་ཀྱི་ཁེ་ཕན་བསྐྲུན་ངེས་པར་མ་ཟད། ས་གནས་དང་འཛམ་གླིང་གི་ཞི་བདེ། བརྟན་འཇགས། དར་རྒྱས་སོགས་ལ་ཕན་ནུས་གལ་ཆེན་ཐོན་ངེས་ཞེས་བསྟན།།