སེམས་གྱི་ཉི་ཟླའི་སྐབས་བཞི་པའི་ན་གཞོན་གླུ་དབྱངས་འགྲན་བསྡུར་ཆེན་མོ་བདེ་བླག་ངང་སྤེལ།
ཡོང་ཁུངས། བོད་མི་རིག་གནས་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༠ ཚེས་ ༩
སྤྱི་ཟླ་9པའི་ཚེས་པའི་30ཉིན་གྱི་མཚན་མོར། ཡུན་ནན་སེམས་གྱི་ཉི་ཟླ་གྲོང་ཁྱེར་གྱི་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་མཉམ་དུ་གཙོ་གཉེར་གནང་པའི“སྐབས་བཞི་པའི་ན་གཞོན་གླུ་དབྱངས་འགྲན་བསྡུར་ཆེན་མོ”སེམས་ཀྱི་ཉི་ཟླའི་གནའ་གྲོང་དུ་སྤེལ། ཐེངས་འདིའི་འགྲན་བསྡུར་དུ་ཞུགས་པའི་ན་གཞོན་གླུ་བ་100ལྷག་ནི་ཡུན་ནན་ཞིང་ཆེན་དང་ཁམས་པའི་ས་ཁུལ་གཞན་དག་ནས་ཡོང་པ་རེད།
རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ཆེན་མོའི་དགོངས་དོན་ནི་སེམས་ཀྱི་ཉི་ཟླའི་ཐུན་མིན་གྱི་སྣ་མང་ཅན་གྱི་རིག་གནས་སྔར་ལས་དར་སྤེལ་གཏོང་བའི་དུས་མཚངས་སུ། གླུ་གར་ལ་དགའ་བའི་ན་གཞོན་རྣམས་ལ་སྦྱོང་བརྡར་དང་ཁྱད་ནུས་འདོན་སྤེལ་བྱས་སའི་སྟེགས་བུ་ཞིག་འདོན་སྤྲོད་བྱས་པ་རེད། །