སྐབས་ཉེར་གཉིས་པའི་འཛམ་གླིང་མཁའ་འགྲུལ་ལམ་ཐིག་འཕེལ་རྒྱས་གཏོང་བའི་ཚོགས་འདུའི་མཇུག་སྒྲིལ་བ།
ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༩ ཚེས་ ༢༩

འཛམ་གླིང་མཁའ་ལམ་འཕེལ་རྒྱས་གཏོང་བའི་ཚོགས་འདུ་ནི་གོ་ལ་ཡོངས་སུ་གཞི་རྒྱ་ཆེ་བ་དང་ཤུགས་རྐྱེན་ཐེབས་ཚད་ཆེ་བའི་དམངས་སྤྱོད་མཁའ་འགྲུལ་གྱི་ལོ་འཁོར་གཅིག་གི་ཚོགས་འདུ་ཞིག་ཡིན་པས། གོ་ལ་ཡོངས་སུ་དམངས་སྤྱོད་མཁའ་འགྲུལ་ཁམས་ཀྱི་འཛམ་གླིང་དངོས་མང་སྟོན་ཚོགས་དང་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་མཚན་སྙན་ཐོབ་པ་རེད། ཚོགས་ཞུགས་མཁན་ལ་མཁའ་འགྲུལ་ཀུང་སི་དང་གནམ་གྲུ་ཐང་། སྲིད་གཞུང་སྡེ་ཁག་གི་ཇུས་འགོད་པ་བཅས་ཡིན་ཤིང་། སྐབས་འདིའི་འཛམ་གླིང་མཁའ་ལམ་གྲོས་ཚོགས་ནི་ཀྲུང་གོའི་སྐམ་ས་ཆེན་པོའི་གྲོང་ཁྱེར་དུ་སྤེལ་བའི་ཚོགས་འདུ་ཐེངས་གཉིས་པ་དེ་ཡིན་ལ། ཀྲུང་གོའི་ནུབ་རྒྱུད་ཀྱི་སྤེལ་ཐེངས་ཐོག་མ་དེའང་ཡིན།
སྐབས་འདུའི་འཛམ་གླིང་མཁའ་འགྲུལ་གྲོས་ཚོགས་གི་ཐོག་ཏུ་རྒྱལ་ཁབ110ཡི་འཐུས་ཚབ་པ་3000ལྷག་བཞུགས་པ་དང་། དེའི་ཁྲོད་དུ་མཁའ་འགྲུལ་ཀུང་སི་230ལྷག་དང་། གནམ་གྲུ་ཐང་470ལྷག ཡུལ་སྐོར་ལས་ཁུངས་ 80ལྷག་བཅས་འདུས་ཤིང་། འཐུས་ཚབ་མི་སྣ་དེ་སྐབས་སྔོན་མ་དང་བསྡུར་ན་40%་འཕར་སྣོན་བྱུང་བས། འདི་ནི་མིག་སྔར་དང་བསྡུར་ན་གཞི་རྒྱ་ཆེས་ཆེ་བའི་འཛམ་གླིང་གི་མཁའ་འགྲུལ་ཚོགས་འདུ་ཞིག་རེད། ཚོགས་འདུའི་བར་སྐབས་སུ་ད་དུང་མི་རེ་རེའི་བར་གྲོས་མོལ་ཐེངས13000ལྷག་ལ་བྱས་པས། གཞི་གྲངས་འདི་ནི་ལོ་སྔོན་མ་དག་དང་བསྡུར་ན་ལྡབ་གཉིས་ཀྱི་ཇེ་མང་དུ་ཕྱིན་ཡོད། མཁའ་འགྲུལ་ཀུང་སི་དང་གནམ་གྲུ་འབབ་ཐང་སོ་སོ་ཡིས་བགྲོ་གླེང་ཁྲོད་དུ། མཁའ་འགྲུལ་ལམ་ཐིག་གཏོད་པའི་ཐད་དུ་ཞིབ་འཕྲའི་གྲོས་མོལ་གནང་ནས་མ་འོངས་བར་མཁའ་ལམ་འཕུར་སྐྱོད་རྣམ་པ་བཟང་བོ་ཞིག་བསྐྲུན་འཆར་གཞི་བཀོད། །
