ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་སྐབས་བཅུ་དགུ་པའི་མཐོ་སྒང་རྟགས་མའི་རྐང་གྲུག་འགྲན་སྡུར་འཚོགས་པ།

ཡོང་ཁུངས།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༩ ཚེས་ ༢༦


དམངས་ཡོངས་ཀྱིས་ལུས་སྦྱོང་སྲོལ་ཡིག་ཁག་ལག་བསྟར་དོན་འཁྱོལ་དང་། ལས་བྱེད་མི་སྣ་དང་རྒྱ་ཆེའི་མང་ཚོགས་ཀྱི་ལས་ཞོར་གྱི་ལུས་རྩལ་རིག་གནས་བྱེད་སྒོ་ཕུན་སུམ་ཇེ་ཚོགས་སུ་གཏང་ཆེད། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དགུ་པའི་མཐོ་སྒང་རྟགས་མའི་རྐང་གྲུག་འགྲན་སྡུར་དེ་2016ལོའི་ཟླ་9པའི་ཚེས་24ཉིན་གྱི་སྔ་དྲོར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ལུས་རྩལ་ཅུས་ནས་དངོས་སུ་འགོ་ཚུགས།

འགྲན་སྡུར་དེ་བདེ་ཆེན་ཁུལ་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་དཔེ་སྐྲུན་པར་དབང་ཅུས་ཀྱིས་གཙོ་སྒྲུབ་དང་། བདེ་ཆེན་ཁུལ་རྐང་གྲུག་མཐུན་ཚོགས། བདེ་ཆེན་ཁུལ་མཚོ་བག་མཐོ་ཤོས་ཀྱི་སྦྱོང་བརྡར་ཞིབ་འཇུག་དོ་དམ་ལྟེ་གནས་དང་བདེ་ཆེན་ཁུལ་ན་གཞོན་ལུས་རྩལ་སློབ་གྲྭ་བཅས་ཀྱིས་འགན་སྒྲུབ་བྱས། །