རྔ་བ་བོད་ཡིག་དྲ་བས་ཨ་མདོ་སྐད་ཀྱི་སྒྲ་ལྡན་སློབ་ཁྲིད་ཀྱི་ཆེད་སྒྲིག་ལེ་ཚན་སྤེལ།
ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༩ ཚེས་ ༢༡
རྔ་བ་ཁུལ་གྱི་རྒྱ་བོད་སྐད་གཉིས་ཀྱི་གསོ་སྦྱོང་ལས་དོན་སྒྲིག་འཛུགས་ལེགས་པོ་བྱ་ཆེད། རྔ་བ་ཁུལ་ཏང་ཨུ་རྩ་འཛུགས་པུའུ་ཡིས་རྔ་བ་བོད་ཡིག་སྒྲ་ལྡན་ཁ་པར་ཚགས་པར་དང་རྔ་བ་བོད་ཡིག་དྲ་བའི་སྟེང་ཨ་མདོ་སྐད་ཀྱི《ཨ་སྐད་ཁ་བརྡའི་བསླབ་དེབ། 》ཞེས་པའི་སྒྲ་ལྡན་སློབ་ཁྲིད་ཀྱི་ཆེད་སྒྲིག་ལེ་ཚན་སྤེལ། ཆེད་བསྒྲིགས་ལེ་ཚན་གཏོང་བ་དུས་ཚོད་ནི་2016ལོའི་ཟླ་9པའི་ཚེས་19ཡིན་ལ། གཟའ་འཁོར་རེའི་གཟའ་ཟླ་བའི་ཉིན་ཐེངས་རེར་སྤེལ་རྒྱུ་ཡིན་པས་རྒྱལ་ཆེ་བའི་ལས་བྱེད་མི་སྣ་ལྷན་རྒྱས་ཀྱི་དུས་ཐོག་ཏུ་གསན་པར་དགའ་བསུ་ཞུ།།