ཞིང་དཔོན་དབྱིན་ལི་ཡིས་ཕོ་ལན་གྱི་ཀྲུང་གོ་རུ་བཅའ་སྡོད་བྱས་ཡོད་པའི་གཞུང་ཚབ་ཆེན་མོ་བ་ལིན་ཡུས་ཕིང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༩ ཚེས་ ༡༤
       སྤྱི་ཟླ་9པའི་ཚེས་13ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལི་ཡིས་ཁྲེན་ཏུའུ་ནས་ཕོ་ལན་གྱི་ཀྲུང་གོ་རུ་བཅའ་སྡོད་བྱས་ཡོད་པའི་གཞུང་ཚབ་ཆེན་མོ་བ་ལི་ཡུས་ཕིང་དང་ལྷན་ཕེབས་རྣམས་ལ་མཇལ་འཕྲད་གནང་།
       དབྱིན་ལི་ཡིས་མིག་སྔར་ཀྲུང་གོ་དང་ཕོ་ལན་རྒྱལ་ཁབ་གཉིས་ཀྱི་བར་དུ་ཁྱོན་ཡོངས་ནས་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོ་བཟང་བོའི་འབྲེལ་བ་བཙུགས་ཡོད་པ་དང་། སི་ཁྲོན་ཞིང་ཆེན་དང་ཕོ་ལན་གྱི་ལའོ་ཚི་ཞིང་ཆེན་བར་གྱི་འབྲེལ་བ་ཡང་གོམ་གང་མདུན་སྤོས་ཀྱིས་གཏིང་ཇེ་ཟབ་དུ་འགྲོ་བར་སྐུལ་འདེད་བཏང་། ཕྱོགས་གཉིས་ཀྱིས་མཉམ་གཅིག་ཏུ་འབད་བརྩོན་བྱས་ནས་མུ་མཐུད་དུ་ས་གནས་སྲིད་གཞུང་བར་བགྲོ་གླེང་དང་མཐོ་རིམ་བར་ཕན་ཚུན་མཚམས་འདྲི་བྱེད་པར་ཤུགས་སྣོན་བྱས་ཏེ། སློབ་གསོ་དང་རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་ཁྲོད་ཀྱི་མཉམ་ལས་བྱེད་ཤུགས་རྒྱ་བསྐྱེད་གཏོང་བ་དང་། ས་གནས་གཉིས་ཀྱི་ཁེ་ལས་པའི་ཕན་ཚུན་བར་གྱི་མ་འཇོག་དང་བརྗེ་རེས་བྱེད་ཤུགས་རྒྱ་བསྐྱེད་གཏོང་བར་རྒྱབ་སྐྱོར་བྱས་ནས། སྔར་ལས་མང་བའི་ཁྱབ་ཁོངས་ཀྱི་ཁྲོད་དུ་ཕན་ཚུན་གཉིས་ཁེ་མཉམ་རྒྱལ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་བསྟན། 
       ལིན་ཡུས་ཕིང་གིས་སི་ཁྲོན་གྱིས་ཀྲུང་གོ་དང་ཕོ་ལན་བར་གྱི་འབྲེལ་བའི་ཁྲོད་དུ་གོ་གནས་གལ་ཆེན་ཤིག་བཟུང་བ་དང་། སི་ཁྲོན་དང་ལའོ་ཚི་ཞིང་ཆེན་གཉིས་གཉིས་ཕན་མཉམ་ལས་བྱེད་པ་ནི་ཀྲུང་གོ་དང་ཕོ་ལན་རྒྱལ་ཁབ་གཉིས་ཀྱི་ས་གནས་ཀྱི་མཉམ་ལས་བྱེད་པའི་མིག་དཔེ་ལྟ་བུ་ཤིག་དུ་གྱུར་ཡོད། མ་འོངས་བར་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་ཟམ་ལྟ་བུའི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕོ་ལན་དང་སི་ཁྲོན་གཉིས་ཀྱིས་ཕྱོགས་ཡོངས་དང་ཁྱབ་ཁོངས་མང་པོའི་ཁྲོད་མཉམ་ལས་དེ་མཐོ་ཚད་གསར་པ་ཞིག་ལ་འཕེལ་བར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་བསྟན།།