སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་གི་རྒྱལ་ཁབ་འདམ་རའི་སྤྱི་གླིང་ལས་གྲྭ་ལེགས་འགྲུབ་བྱུང་།
ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༩ ཚེས་ ༡

2011ལོར་སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་གིས་རྒྱལ་ཁབ་འདམ་རའི་སྤྱི་གླིང་ལས་གྲྭ་ལས་འགོ་བཙུགས་ནས་ད་བར་ཏུ། ཁྱོན་མ་དངུལ་དུང་ཕྱུར་2.3བཏང་སྟེ་ཡུལ་སྐོར་བའི་ལྟེ་གནས་དང་། འདམ་ར་སྲུང་སྐྱོང་སློབ་གསོའིལྟེ་གནས། འདབ་ཆགས་ལྟ་སྐོར་ཁང་དང་སློབ་གསོའི་ལྟེ་གནས། ལམ་བུ་དང་རྨང་གཞིའི་སྒྲིག་བཀོད་སོགས་འཛུགས་སྐྲུན། འདམ་རའི་སྔོ་ཁེབས་སླར་གསོ་ལས་གྲྭ་དང་འཐུམ་འབུ་ནད་སྔོན་འགོག སྦགས་བཙོག་ཚོད་འཛིན་ལས་ཀ་སོགས་ལག་བསྟར་བྱས་ཡོད།