ཨི་ཐ་ལི་རྒྱལ་ཁབ་ཀྱིས་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོར་རྒྱལ་ཡོངས་ནས་མྱ་ངན་ཞུས།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༨ ཚེས་ ༢༨

ཨི་ཐ་ལི་རྒྱལ་ཁབ་ཀྱི་དབུས་ཕྱོགས་ས་ཡོམ་ལས་ཤི་རྨས་ཚབས་ཆེན་ཐེབས་ཡོད་པས་ཚེས་27ཉིན་རྒྱལ་ཡོངས་ནས་མྱ་ངན་ཞུས་ཡོད་པ་མ་ཟད། འདས་པོ་དག་དུར་འཇུག་བྱེད་ཡོད། གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། སྲིད་གཞུང་ལས་ཁུངས་ཀྱིས་རྒྱལ་དར་ཕྱེད་ཙམ་མར་ཕབ་ཡོད།།