ཨི་ཐ་ལིའི་རྒྱལ་ཁབ་ཏུ་ས་ཡོམ་བྱུང་བ་ལས་རྐྱེན་ལམ་དུ་ཤོར་བའི་མི་120དུ་འཕར།
ཡོང་ཁུངས།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༨ ཚེས་ ༢༥
སྤྱི་ཟླ་8པའི་ཚེས24ཉིན། ཨི་ཐ་ལིའི་རྒྱལ་ཁབ་ཀྱི་གསར་འགྱུར་ཡོངས་བསྒྲགས་ཐོག་ལས་གནས་ཚུལ་སྤེལ་བ་ལྟར་ན། ཨི་ཐ་ལི་རྒྱལ་ཁབ་ཀྱི་དབུས་རྒྱུད་དུ་བྱུང་བའི་ས་ཡོམ་རིམ་པ་6.0ཁྲོད་ཉུང་མཐར་ཡང་མི་120རྐྱེན་ལམ་དུ་ཤོར་ཡོད། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་4.2ཡོད་པ་དང་མིག་སྔར་ས་ཡོམ་བྱུང་ཁུལ་དུ་ད་དུང་ཡོམ་འཕྲོ་སྐབས་རེར་འབྱུང་བཞིན་ཡོད་པ་རེད།།