བདེ་ཆེན་ཁམས་སྐད་རྒྱང་སྒྲོག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ལེགས་འགྲུབ་བྱུང་ནས་དངོས་སུ་བཀོལ་སྤྱོད་བྱེད་འགོ་བརྩམས།
ཡོང་ཁུངས། བདེ་ཆེན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༨ ཚེས་ ༢༤
རྒྱུས་ལོན་བྱུང་བ་ལྟར་ན། བདེ་ཆེན་ཁུལ་ཁམས་སྐད་རྒྱང་སྒྲོག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱི་རྣམ་གྲངས་དེ་ནི་2010ལོར་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་ནས་འཛུགས་སྐྲུན་བྱས་པ་ཡིན་ལ། 2016ལོའི་ཟླ་6པའི་ནང་སྒྱུར་སྐྲུན་དང་སྒྲིག་བཟོ། རྒྱང་སྒྲོག་མ་ལག་བཅས་ཀྱི་སྟེགས་བུ་འཛུགས་སྐྲུན་དང་ཚོད་ལྟ། མི་སྣ་གསོ་སྐྱོང་སྦྱོར་བརྡར་སོགས་ཀྱི་ལས་ཀ་སྣ་ཚོགས་ལེགས་འགྲུབ་བྱུང་ཡོད། ཟླ་6པའི་ཚེས་30ཉིན་ལས་ཁུངས་ཀྱི་གནས་སྤོར་མངོན་འགྱུར་བྱུང་བས། ཟླ་8པའི་ཚེས་17ཉིན་དངོས་སུ་བཀོལ་སྤྱོད་བྱས་པ་འགོ་བརྩམས། སྒྱུར་སྐྲུན་ལྟེ་གནས་ལེགས་འགྲུབ་བྱུང་བ་དེས་བདེ་ཆེན་གྱི་རྒྱང་སྒྲོག་བརྙན་འཕྲིན་གྱི་སྒྲིག་བཟོའི་ནུས་པ་སྔར་ལས་ལྷག་པར་མཐོར་འདེགས་བྱུང་དུ་བཅུག་ཡོད་ལ། ཆེས་གསལ་བའི་རང་བཞིན་ཅན་དང་གྲངས་རྟགས་ཅན། བརྡ་གཏོང་གློག་ལམ་དྲ་བ་ཅན་དུ་མངོན་འགྱུར་བྱུང་ཡོད་པ་དང་། གློག་བརྙན་བརྙན་འཕྲིན་གྱི་དྲ་ཚུགས་བཟོས་པ་དེས་ས་གནས་དེ་གའི་སྨྱན་བྱད་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་ཡོད། །