ཡོང་ཁུངས། ཞིང་ཧྭ་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༨ ཚེས་ ༢༣
སྤྱི་ཟླ་8པའི་ཚེས་18ཉིན། དབྱིན་ཇིའི་《ཉིན་རེའི་སྦྲག་སྲིད་ཚགས་པར།》ལས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་རིའི་ཏེ་ཁོ་ས་སི་ཀྲོའུ་མའེ་ཁ་ལུན་གྲོང་ཁྱེར་གྱི་ལོ17ལ་སླེབས་པའི་མཐོ་འབྲིང་སློབ་མ་ཨན་ཏེ་རེ་ཡ། སའེ་ལ། ས་ལ་ས་ཨེར་(Andrea Sierra Salazar)ངན་སྐྲན་གྱི་ནད་ཕོག ཡིན་ནའང་ཁོ་མོ་ཡིད་སེམས་མ་སྐྱོ་བར་གནས་ཚུལ་དེ་དྲ་ཚིགས་སོགས་སུ་ཁྱབ་བསྒྲགས་བྱས་ཏེ། ངན་སྐྲན་གྱིས་མནར་བའི་ནད་པ་རྣམས་ལ་སྐུལ་མ་བཏང་།།