དཀར་མཛེས་རྫོང་གིས་གེ་སར་རིག་གནས་སྐོར་གྱི་འཆར་ཁྲིད་སྤེལ།
ཡོང་ཁུངས། དཀར་མཛེས་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༨ ཚེས་ ༢༢
སྤྱི་ཟླ་8པའི་ཚེས་17ཉིན།དཀར་མཛེས་རྫོང་ཨུ་ཡིས་ལྟེ་བའི་ཚོགས་ཆུང་(རྒྱ་བསྐྱེད།)ཀྱི་ཆེད་དོན་སློབ་སྦྱོང་ལས་ཀའི་ཚོགས་འདུ་ཚོགས།ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་རྒན་འཇམ་དཔལ་རྒྱ་མཚོ་གདན་ཞུ་བྱས་ནས་གེ་སར་རིག་གནས་ཀྱི་འཆད་ཁྲིད་སྤེལ།རྫོང་དེའི་རྫོང་ཨུ་ཡི་ལྟེ་བའི་ཚོགས་ཆུང་གི་ཁོངས་མི་དང་ལྟེ་བའི་ཚོགས་ཆུང་གི་ཁོངས་མི་མིན་པའི་རྫོང་རིམ་པའི་འགོ་ཁྲིད།དེ་མིན་རྫོང་རིམ་པའི་ལས་ཁུངས་སོ་སོའི་ཁྱིམ་སྡོད་འགོ་ཁྲིད།ཞིང་ཆེན་དང་ཁུལ་དུ་གཏོགས་པའི་སྲིད་འཛིན་ཁེ་ལས་དང་ལས་དོན་སྡེ་ཚན་སོ་སོའི་འགོ་ཁྲིད།ཡུལ་གྲོང་ཁག་གི་ཏང་ཨུ་ཧྲུའུ་ཅི་དང་ཡུལ་གྲོང་གི་མི་སྣ་126ལྷག་ཞུགས།
རྒན་འཇམ་དཔལ་རྒྱ་མཚོས་མཁྱེན་དཔྱོད་དང་དོན་དངོས་གཉིས་ཟུང་དུ་སྦྲེལ་ནས།གསོན་ཉམས་ལྡན་པའི་ངང་གེ་སར་རྒྱལ་པོའི་ལོ་རྒྱུས་སྙན་རྩོམ་གྲུབ་པའི་ཆ་རྐྱེན་དང་རྨང་གཞི།གེ་སར་སྒྲུང་ནི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་སྙན་རྩོམ་ཞིག་ཡིན་པ་དང་།གེ་སར་རིག་གནས་ཀྱི་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་བ་དེས་སྤྱི་ཚོགས་རིང་ལུགས་བོད་རིགས་རིག་གནས་གསར་པའི་འཛུགས་སྐྲུན་ལ་ནུས་པ་གལ་ཆེན་ཐོན་པ་དང་།དཀར་མཛེས་ཀྱི་གེ་སར་རིག་གནས་རྒྱུད་འཛིན་དང་འཕེལ་རྒྱས་བཏང་བའི་འཐབ་ཇུས་སོགས་ལ་ཕྲ་ཞིང་ཞིབ་པའི་དབྱེ་ཞིབ་འབྲེལ་འཆད་ཁྲིད་མཛད།
ཚོགས་འདུའི་ཐོག་གེ་སར་རིག་གནས་ཀྱི་རྒྱུད་འཛིན་ནི་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཞིང་།སྙན་གྲགས་འཛམ་གླིང་ཡོངས་སུ་ཁྱབ་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར།ཉེ་བའི་ལོ་ཤས་རིང་།གེ་སར་རིག་གནས་ལ་སྲུང་སྐྱོབ་དང་རྒྱུད་འཛིན་ཤུགས་ཆེར་གཏོང་བ་ནི་བོད་ཁུལ་ས་ཆ་སོ་སོའི་སྲིད་གཞུང་གི་ཐུན་མོང་ཤེས་བྱ་རུ་གྲུབ་པ་བསྟན།།