བར་སྣང་ནས་བླངས་པའི་བྷང་ག་ལའི་མཛེས་ལྗོངས་པར་རིས།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༨ ཚེས་ ༩

                           

            

                   བྷང་ག་ལའི་འཕུར་བསྐྱོད་པ་ཧྲ་སྨི་མུའུ་ཧྲའོ་རུའེ་ཧྥུ་སུའུ་ས་མུའུ་(Shamim Shorif Susom)པར་ལེན་རྒྱུ་ལ་དགའ་ཞེན་ཡོད་པས། ཁོང་གིས་བར་སྣང་ནས་བྷང་ག་ལའི་མཛེས་ལྗོངས་མང་པོ་པར་བླངས། པར་རིས་དེ་དག་ནི་ བྱིས་པའི་རྨི་ལམ་ལྟར་མཛེས་ཤིང་ལྟ་ན་སྡུག 
                  སུའུ་ས་མུའུ་ཆུང་དུས་ནས་གྲོང་གསེབ་ཏུ་ནར་སོན་ཞིང་། བྱིས་པའི་དུས་སུ་ཁོང་བྷང་ག་ལའི་རྒྱལ་ས་དྷ་ཁ་(Dhaka)རུ་སློབ་སྦྱོང་བྱས་པ་རེད། སློབ་མཐར་ཕྱིན་རྗེས། སུའུ་ས་མུའུ་འཕུར་བསྐྱོད་པ་ཞིག་ཏུ་གྱུར་བ་དང་དུས་རྒྱུན་དུ་གྲོང་ཁྱེར་མང་པོའི་བར་འཕུར་བསྐྱོད་བྱེད་ཐུབ་པར་གྱུར། འཚོ་བ་བྱེད་སྟངས་འདིས་ཁོང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད།།