ལིའུ་ཅ་ཀའོ་ཡིས་ལའང་ཧྲན་ཁུལ་ཞི་ཏི་རྫོང་གིས་དབུལ་བྲལ་འགག་སྒྲོལ་ལས་ཀར་དངོས་སྲུང་ཞིབ་འཇུག་དང་ལྟ་སྐུལ་མཛུབ་ཁྲིད་གནང་།
ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༨ ཚེས་ ༩

ལིའུ་ཅ་ཀའོ་དང་ལྷན་ཕེབས་རྣམས་སྔ་རྗེས་སུ་བཀང་མེན་གྲོང་རྡལ་སོགས་ས་གནས་སུ་ཕེབས་ནས། ཡེ་ཅིན་སྡེ་བ་དང་མ་ཁྲང་སྡེ་བ། ཀན་ཧྭ་ཅོ་མོ་སྡེ་བ། ཡིས་ཙི་ཅོ་མོ་སྡེ་བ། ཨ་ནེས་སྡེ་བ། ཝ་ཞིས་སྡེ་བ་སོགས་སུ་ཟབ་འཇུག་བྱས་པ་དང་། དབུལ་ཕོངས་དུད་ཚང་ལ་ལྟ་བ་གནང་སྟེ། ཁོ་ཚོས་ཐོན་སྐྱེད་འཚོ་བའི་གནས་ཚུལ་དང་འཚོ་བའི་ཐད་ཀྱི་དཀའ་གནད་སྐོར་ལ་རྒྱུས་ལོན་བྱས། དེ་མིན་སྡེ་བ་རུ་བཅའ་སྡོད་བྱས་ཡོད་པའི་དབུལ་སྐྱོར་ལས་བྱེད་པ་དང་སློབ་སྔོན་སློབ་གསོའི་དགེ་རྒན་རྣམས་ལ་འཚམས་འདྲི་གནང་། གནད་སྨིན་དྲུག་དང་ཁག་གཅིག་ལྔ། དྲུག་ཡོད། གཅིག་ཅན་ལྔ་སོགས་ཀྱི་ལས་ཀ་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པར་མ་ཟད། གྲོང་གསེབ་ཀྱི་ལས་བྱེད་པ་དང་སྤྱི་དམངས་ཀྱི་འཐུས་འཚབ་པའི་བཞུགས་མོལ་འཚོགས་འདུ་གཙོ་སྐྱོང་གནང་བ་དང་།ཡུལ་དངོས་ནས་གནད་དོན་འཚོལ་བཤེར་དང་བྱེད་ཐབས་ཞིབ་འཇུག་སོགས་བྱས།
ཞི་ཏི་རྫོང་རུ་ལོའུ་ཅ་ཀའོ་ཡིས་ཆེད་དོན་ཚོགས་འདུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་དབུལ་བྲལ་འགག་སྒྲོལ་གྱི་ལས་ཀའི་སྐོར་གྱི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་ཡོང་བ་བྱེད་པ་དང་། ཁོང་གི་བསམ་བློ་ལ་གོ་བ་གཏིང་ཟབ་མོ་བླངས་ནས་དམིགས་ཡུལ་གཏན་འབེབས་བྱེད་པ་དང་། འགན་འཁྲི་ནན་སྲུང་བྱས་ནས་གོམ་གང་མདུན་སྤོས་ཀྱིས་ཡང་དག་པའི་དམིགས་ཡུལ་ལས་འགན་གཅིག་བསྡུ་དང་ལས་ཀའི་བྱེད་ཤུགས་ལ་ཤུགས་སྣོན་པ་བཅས་བྱས་ཏེ་མགྱོགས་མྱུར་དུ་དོན་འཁྱོལ་ཡོང་བར་བྱ་དགོས་པ་དང་། དབུལ་བྲལ་འགག་སྒྲོལ་གྱི་ལས་འགན་ཁག་དུས་ལྟར་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱ་དགོས་པའི་ནན་གསུངས་ཡོད་པ་རེད།།