རྔ་བ་ཁུལ་གྱིས་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་པ་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་བརྙན་ལེན་ལས་ཀ་ལེགས་གྲུབ་བྱུང་།

ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ། ཚེ་བརྟན་སྒྲོལ་མས་བསྒྱུར།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༨ ཚེས་ ༣
     ཉེ་ཆར། རྔ་བ་ཁུལ་གྱིས་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་པ་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་ལས་དོན་དེ་ཝུན་ཁྲོན་རྫོང་དུ་བརྙན་ལེན་བྱེད་པའི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་། 
     ཐེངས་འདིར་རྔ་བ་ཁུལ་གྱི་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་པ་མྱུར་སྐྱོབ་བྱེད་པའི་ཐོ་འགོད་ལས་དོན་ཁྲོད་དུ་ཝུན་ཁྲོན་རྫོང་གི་ཆའང་རིགས་ཀྱི་ཐང་ག་དང་ཆའང་རིགས་གི་ལོ་གསར་བཅས་རྣམ་གྲངས་གཉིས་འདུས། རྣམ་གྲངས་འདི་ནི་རིག་གནས་སྡེ་ཁག་དང་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གཉིས་ཀྱིས་སི་ཁྲོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་པ་མྱུར་སྐྱོབ་བྱེད་པའི་ཐོ་འགོད་ལས་ཀའི་སྐོར་གྱི་བཀོད་སྒྲིག་དང་བླང་བྱ་ལྟར། དུས་འགོའི་ཡུལ་དངོས་ཀྱི་བཅར་འདྲི་དང་ལས་ཀར་རྨང་འདིང་བའི་ཐོག་སྤེལ་བའི་བྱེད་སྒོ་གཅིག་རེད། །