ལི་ཁེ་ཆང་གིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སློབ་གསོའི་བརྗེ་རེས་གཟའ་འཁོར་སྐབས་དགུ་བ་འཚོགས་པར་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས།

ཡོང་ཁུངས། མི་དམངས་དྲབ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༨ ཚེས་ ༢
         ལི་ཁེ་ཆང་གིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སློབ་གསོ་བརྗེ་རེས་གཟའ་འཁོར་སྐབས་དགུ་བ་ཀོས་ཡང་ནས་ཚོགས་འགོ་བརྩམས་པར་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས།
ལི་ཁེ་ཆང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ནི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ་ཡིན། ཕྱོགས་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་25བའི་རིང་ལ་ཁྱོན་ཡངས་དང་རིམ་པ་མང་པོ་བརྗེ་རེས་མཉམ་ལས་འབྲེལ་བ་སྤེལ་ཞིང་། སློབ་གསོ་འདུས་པའི་མི་ཆོས་བརྗེ་རེས་མཉམ་ལས་དེ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བའི་ནང་དོན་གལ་ཆེན་དུ་འགྱུར་བཞིན་ཡོད་པ་དང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་མངོན་པར་བྱས་ཡོད་ཅེས་བསྟན།།