ལྕགས་ཟམ་རྫོང་གིས་སློབ་གྲྭའི་དུག་འགོག་དྲིལ་བསྒྲགས་ཤུགས་ཆེ་རུ་བཏང་བ།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༧ ཚེས་ ༡༩
        སློབ་གྲྭའི་དུག་འགོག་དྲིལ་བསྒྲགས་ཤུགས་ཆེ་རུ་གཏང་བ་དང་ན་གཞོན་གྱི་སེམས་ཁམས་སྔོན་འགོག་ནུས་པ། དེ་མིན་དུག་འགོག་འདུ་ཤེས་མཐོར་འདེགས་སུ་གཏང་བའི་ཆེད་དུ།  ཉེ་ཆར།  ལྕགས་ཟམ་རྫོང་གི་སྤྱི་བདེ་ཅུས་དུག་འགོག་རུ་ཆེན་དཀར་མཛེས་ཁུལ་གྱི་ཁུལ་སློབ་འབྲིང་ཏུ་ཚེ་སྲོག་ལ་གཅེས་སྤྲས་བྱས་ཏེ་དུག་རྫས་དང་རྒྱང་དུ་གྱེས་དགོས་ཞེས་པའི་དུག་འགོག་གི་ཆེད་དོན་སློབ་གསོ་འཆད་ཁྲིད་དང་དུག་འགོག་གི་དྲིལ་བསྒྲགས་འགྲེམ་བྱང་སློབ་གྲྭར་འགྲེམ་པའི་བྱ་འགུལ་སྤེལ།  སློབ་མ་རྣམས་ཀྱིས་པར་རིས་དང་འགྲེལ་བཤད་ཡོད་པའི་དུག་འགོག་དྲིལ་བསྒྲགས་ཀྱི་འགྲེམ་པང་ལ་བལྟས་ནས་དུག་རྫས་ཀྱིས་ན་གཞོན་གྱི་ལུས་སེམས་དང་ཁྱིམ་ཚང་།  དེ་མིན་སྤྱི་ཚོགས་སོགས་ལ་བྱུང་པའི་གནོད་འཚེ་ལ་རྒྱུན་ལོན་བྱས་ཤིང་།    དུག་རྫས་ཀྱི་དངོས་དཔེར་བལྟས་ནས་དུག་རྫས་ཀྱི་རིགས་དང་གནོད་འཚེ་བྱུང་ཚད་རྒྱུན་ལོན་བྱས་པ་བརྒྱུད་དུག་རྫས་ངོས་འཛིན་དང་དུག་རྫས་སྔོན་འགོག དུག་རྫས་བཀག་འགོག་གི་འདུ་ཐོག་ཇེ་མཐོར་ཕྱིན།།