བཀའ་དྲིན་ནམ་ཡང་བརྗེད་མི་སྲིད།
ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༧ ཚེས་ ༡༨
ཉེ་ལམ། དཀར་མཛེས་ཁུལ་ཏང་ཨུ་དང་དཀར་མཛེས་ཁུལ་སྲིད་གཞུང་གིས་དར་མདོ་རུ་བཀའ་དྲིན་ཞུ་བའི་དགོང་ཚོགས་སྤེལ་ཏེ་ བློ་སེམས་གཅིག་མཐུན་སྒོས་ཀྲུང་གོའི་སེམས་མཉམ་དུ་བསྐྲུན་ཞེས་པའི་སྤྱི་ཕན་བྱ་འགུལ་ཁྲོད་ཞུགས་པའི་སྨན་པ་དང་དང་བླངས་པ་རྣམས་སྐྱེལ་མ་བྱས། འདིས་བློ་སེམས་གཅིག་མཐུན་སྒོས་ཀྲུང་གོའི་སེམས་མཉམ་དུ་བསྐྲུན་ཞེས་པའི་སྤྱི་ཕན་བྱ་འགུལ་བདེ་ལེགས་སུ་མཇུག་སྒྲིལ་བ་མཚོན།།