བློ་སེམས་གཅིག་མཐུན་སྒོས་ཀྲུང་གོའི་བསམ་པ་མཉམ་དུ་བསྐྲུན་ཞེས་པའི་སྤྱི་ཕན་བྱ་འགུལ་གྱིས་དཀར་མཛེས་རྫོང་གི་མི་དམངས་ལ་བརྩེ་སེམས་དང་དྲོད་ཁོལ་གནང་།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༧ ཚེས་ ༡༥
        སྤྱི་ཟླ་7པའི་ཚེས་8ཉིན་ནས་བཟུང་། བློ་སེམས་གཅིག་མཐུན་སྒོས་ཀྲུང་གོའི་བསམ་པ་མཉམ་དུ་བསྐྲུན་ཞེས་པའི་སྤྱི་ཕན་བྱ་འགུལ་དཀར་མཛེས་སུ་སྤེལ།   ཆེད་མཁས་ཚན་ཆུང་རྣམས་ཀྱིས་གཟའ་འཁོར་གཅིག་གི་རིང་ལ་དཀར་མཛེས་རྫོང་དུ་སྤྱི་ཕན་གྱི་བྱ་འགུལ་སྤེལ་ཏེ་ས་གནས་དེ་གའི་མང་ཚོགས་རྣམས་ལ་རིན་མེད་ཀྱི་ནད་གཞི་བརྟག་དཔྱད་བྱས་པ་དང་ཞབས་འདེབས་ཕུལ་བ། དེ་མིན་གསོ་སྐྱོང་སྦྱོང་བརྡར་དང་འཆད་ཁྲིད་གནང་བ། ནད་ཁང་ཞིབ་བཤེར་བྱེད་སྟངས་ལ་མཛུབ་སྟོན་གནང་བར་མ་ཟད།    ན་གཞོན་གྱི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ལ་བདམས་དཔྱད་དང་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཅན་ལ་གསོ་བཅོས་བྱས་པ། སྨན་བཅོས་ཆ་སྒྲིག་རོགས་སྐྱོར་དང་འཚམས་འདྲི་གནང་བ་སོགས་ཀྱི་བྱ་འགུལ་སྤེལ། །