སེམས་ཀྱི་ཉི་ཟླ་ནས་སླེབས་པའི་དྲི་ཟའི་གདངས་དབྱངས།
ཡོང་ཁུངས། སེམས་ཀྱི་ཉི་ཟླའི་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༧ ཚེས་ ༧

བོད་གདངས་བྱིས་པའི་མཉམ་ལེན་རོལ་ཚོགས་འཛུགས་པ་དེ་ནི་བོད་རིགས་རོལ་མོ་བ་ཏུང་ཙིའི་སེམས་འདུན་ཡིན། ཁོའི་བརྩམས་ཆོས་ཕལ་ཆེར་བྱིས་དུས་ཀྱི་ཕྱིར་དྲན་ཡིན་ལ། ཁོས་བཤད་རྒྱུར། མིག་སྔར་གྱི་བོད་རིགས་རོལ་དབྱངས་ལ་རྣམ་པ་འདྲ་མིན་ཡོད་མོད། འོན་ཀྱང་ཁ་ཤས་ཤིག་ཉམས་བཞིན་ཡོད་པ་རེད། བྱིས་པ་ཚོས་མཉམ་ལེན་གྱི་རྣམ་པ་བརྒྱུད་དེ། ཁོ་ཚོའི་ཆེས་དག་གཙང་གི་སྐད་ངག་གིས་བོད་ཀྱི་བྱིས་གླུ་དང་དམངས་གླུ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ནི་ཆེས་འོས་འཚམ་གྱི་ཐབས་ལམ་ཞིག་ཡིན་ཞེས་བཤད།།