རྔ་བ་ཁུལ་གྱི་ཧུང་ཡོན་རྩྭ་ཐང་ཆེན་མོའི་དབྱར་ཁའི་ནོར་གནག་རོལ་དབྱངས་དུས་ཆེན་ཀྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༦ ཚེས་ ༣༠
      སྤྱི་ཟླ་6པའི་ཚེས་26ཉིན། རྔ་བ་ཁུལ་སྐབས་ལྔ་པའི་ཧུང་ཡོན་རྩྭ་ཐང་ཆེན་མོའི་ནོར་གནག་རིག་གནས་དུས་ཆེན་དང་ཧུང་ཡོན་རྩྭ་ཐང་ཆེན་མོའི་དབྱར་ཁའི་ནོར་གནག་རོལ་དབྱངས་དུས་ཆེན་ཀྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས། རྒྱུས་ལོན་བྱུང་པ་ལྟར་ན། ཟླ7པའི་ཚེས་30ཉིན་ནས་ཟླ་8པའི་ཚེས3ཉིན་བར། སྐབས་ལྔ་པའི་ཧུང་ཡོན་རྩྭ་ཐང་ཆེན་མོའི་ནོར་གནག་དུས་ཆེན་དང་ཧུང་ཡོན་རྩྭ་ཐང་ཆེན་མོའི་དབྱར་ཁའི་ནོར་གནག་རོལ་དབྱངས་དུས་ཆེན་ཅེས་པ་དེ་ཧུང་ཡོན་རྫོང་ནས་སྤེལ་རྒྱུ་ཡིན་པ་དང་། སི་ཁྲོན་ཞིང་ཆེན་གྱིས་དབྱར་དགུན་སྟོན་དཔྱིད་ཀྱི་རོལ་དབྱངས་དུས་ཆེན་འགོ་བརྩམས། དུས་མཚུངས་སུ། ཧུང་ཡོན་རྫོང་གིས་ནོར་གནས་བུམ་པའི་ཨ་མདོའི་སྒྲ་སྙན་རྡུང་ལེན་དང་འབྲོག་གླུའི་འགྲན་བསྡུར། ནོར་ནག་བཤམས་སྟོན་འགྲན་བསྡུར། བོད་ཀྱི་རྟ་རྩལ་འགྲན་སྡུར་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་རེད།།