རྔ་བ་རྫོང་གི་མང་ཚོགས་ལས་བྱེད་པ་རྣམས་ཁྲག་སྦྱིན་བྱ་འགུལ་ལ་ཞུགས།
ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༦ ཚེས་ ༢༩

ཉེ་ཆར། རྔ་བ་ཁུལ་ཁྲག་སྦྱིན་ལྟེ་གནས་ཁང་གིས་རྔ་བ་རྫོང་གི་སྤྲོ་གསེང་ཐང་ཆེན་དུ་2016ལོའི་སྤྱི་དམངས་ཀྱིས་ཁྲག་སྦྱིན་བྱེད་པའི་བྱ་འགུལ་སྤེལ་བ་དང་། རྒྱུས་ལོན་བྱུང་བ་ལྟར་ན། ཉིན་དེར་ཁྲག་སྦྱིན་བྱེད་པའི་མི་ཐེངས་70ལྷག་དང་ཁྲག་སྦྱིན་བཏང་ཚད་19300MLལ་བསླེབས་ཡོད།།