ཞི་ཅིང་ཕིང་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་སྲིད་འཛིན་ཁ་ལི་མོ་ཧྥོ་དང་མཇལ་འཕྲད་གནང་།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༦ ཚེས་ ༢༣

ཞི་ཅིན་ཕིང་གིས་2012ལོར་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གཉིས་ཀྱིས་ཁྱོན་ཡོངས་འཐབ་ཇུས་མཛའ་འབྲེལ་བཙུགས་པ་ནས་བཟུང་། ཕྱོགས་གཉིས་ཀྱི་མཉམ་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བའི་དུས་སྐབས་སུ་སླེབས་པ་དང་། ཆབ་སྲིད་ཡིད་ཆེས་དང་གཉིས་ཕན་མཉམ་ལས། འཐབ་ཇུས་མཐུན་སྦྱོར་བཅས་ཁྱོན་ཡོངས་ནས་ལག་བསྟར་བྱས་པར་གྲུབ་འབྲས་བཟང་པོ་ཐོབ། ཀྲུང་གོའི་ཕྱོགས་ནས་ཨུ་ཟ་བྷེ་ཁི་སི་ཐན་དང་མཉམ་དུ་མཐུན་སྦྱོར་དམ་པོ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ལོན་པར་སྐུལ་འདེད་གཏང་འདོད་པ་དང་། ཕྱོགས་གཉིས་ཀྱི་ཕན་ཚུན་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱས་ཏེ་ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བར་འགན་སྲུང་བྱ་དགོས། དེ་མིན་ཁྱོན་ཡོངས་ནས་བཟོ་ཚོང་དང་ཐོན་ནུས། ནུས་ཁུངས། ཞིང་ལས། དངུལ་རྩ། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་དངོས་དོན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་བ་དང་། སྔར་ལས་མང་པོའི་དངོས་དོན་མཉམ་ལས་ཀྱི་གྲུབ་འབྲས་ལ་བརྟེན་ནས་ཁྱོན་ཡོངས་ཀྱི་འཐབ་ཇུས་མཛའ་མཐུན་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་གཏང་དགོས་ཞེས་བསྟན།
ཁ་ལི་མོ་ཧྥོ་ཡིས་ཨུ་ཟ་བྷེ་ཁི་སི་ཐན་དང་ཀྲུང་གོ་ནི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ་ཡིན། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ནས་ཐེ་ཝན་དང་བོད་ལྗོངས་སོགས་ཀྱི་གནད་དོན་ཐད་ཀྱི་རྩ་དོན་དང་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེདཔ་དང་ཀྲུང་གོའི་ཕྱོགས་དང་མཉམ་དུ་བཟོ་ཚོང་དམངས་འཚོ། མི་ཆོས། བདེ་འཇགས། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཅེས་བསྟན།།