ལྷ་སྒྲུང་ལོ་རྒྱུས་སྙན་རྩོམ་གློག་བརྙན《གླིང་རྗེ་གེ་སར་རྒྱལ་བོ།》ཡི་ཕབ་སྐྲུན་ལས་ཀ་ཕྱོགས་ཡོངས་ནས་འགོ་བརྩམས་པ།

ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༦ ཚེས་ ༢༣
     ཀྲུང་གོ་ཧྭ་ཞ་རིག་གནས་ཤུལ་བཞག་ཐེབས་རྩའི་གཙོ་སྐྱོང་གནང་བ་ཞིང་། པེ་ཅིན་གསེར་མདོག་སྒྲོལ་མ་གློག་བརྙན་ཚད་ཡོད་ཀུང་སིས་ལག་བསྟར་བྱས་པའི《གླིང་རྗེ་གེ་སར་རྒྱལ་པོ།》ཞེས་པའི་གློག་བརྙན་དེ་ཚེས་21ཉིན་ཕྱོགས་ཡོངས་ནས་ཕབ་སྐྲུན་བྱེད་འགོ་བརྩམས་པ་ཁྱབ་བསྒྲགས་བྱས། གློག་བརྙན་འདིའི་མ་དངུལ་སྒོར་དུང་ཕྱུར་5ལས་བརྒལ་ཡོད་པ་དང་། བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་བོད་ཁུལ་དང་འབྲེལ་བའི་ཞིང་ལྗོངས་དག་གིས་རོགས་སྐྱོར་ཐོབ་ནས《སོར་གདུ།》དང་《ཐི་ལའོ་དབྱི།》ལྟ་བུའི་ལྷ་སྒྲུང་ལོ་རྒྱུས་སྙན་རྩོམ་གློག་བརྙན་ཞིག་ཕབ་སྐྲུན་བྱ་རྒྱུ་རེད།
     མིག་སྔར། ལྷ་སྒྲུང་ལོ་རྒྱུས་སྙན་རྩོམ་གློག་བརྙན་ཆེན་མོ《གླིང་རྗེ་གེ་སར་རྒྱལ་པོ།》ལ་རྒྱལ་ཁབ་རྒྱང་སྒྲོག་གློག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་ཆོག་མཆན་ཐོབ་པ་དང་། ཕབ་སྐྲུན་བྱ་ཆོག་པའི་དཔང་ཡིག་བླངས་ཡོད་ལ། ཀྲུང་གོའི་ཐང་ག་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱིས་རིག་གཞུང་རོགས་སྐྱོར་འོག་ཕབ་སྐྲུན་བྱ་བ་ཕྱོགས་ཡོངས་ནས་འགོ་བརྩམས་པ་རེད།།