བོད་ཁུལ་གྱི་བུད་མེད་དང་བྱིས་པའི་བདེ་ཐང་ལ་སྲུང་སྐྱོབ་དང་རོགས་འདེགས་བྱེད་པ།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༦ ཚེས་ ༡༢

            

         ཉེ་ཆར། སི་ཁྲོན་སློབ་གྲྭ་ཆེན་མོའི་ཧྭ་ཞི་སྨན་ཁང་གཉིས་པ་དང་ཧྭ་ཞི་བུད་མེད་དང་བྱིས་པའི་སྨན་ཁང་གི་ས་ཁུངས་མཉམ་འབྲེལ་སྨན་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་དཀར་མཛེས་ཁུལ་མི་དམངས་སྨན་ཁང་ནས་སྤེལ། སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གཉིས་པ་དང་ཧྭ་ཞི་བུད་མེད་དང་བྱིས་པའི་སྨན་ཁང་གི་ཡོན་ཀྲང་ཀྲང་ལིན། དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། དཀར་མཛེས་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཞེས་ཁྲོན་ཞིའུ་ཚོགས་འདུར་ཞུགས་པར་མ་ཟད་འབྲེལ་ཡོད་གསུང་བཤད་གནང་། དཀར་མཛེས་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧུ་པའོ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་།

             སི་ཁྲོན་སློབ་གྲྭ་ཆེན་མོའི་ཧྭ་ཞི་སྨན་ཁང་གཉིས་པ་དང་ཧྭ་ཞི་བུད་མེད་དང་བྱིས་པའི་སྨན་ཁང་གི་དགེ་རྒན་ཆེན་མོ། བྱིས་ནད་ཚན་ཁག་གི་དགེ་རྒན་ཆེན་མོས་དཀར་མཛེས་ཁུལ་མི་དམངས་སྨན་ཁང་དུ་ཆེད་ཚན་རིག་གཞུང་འཆད་ཁྲིད་གནང་།།