རྔ་བ་ཁུལ་གྱི་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭས་ད་ལོར་སློབ་མ་660བསྡུ་རྒྱུ་རེད།

ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༦ ཚེས་ ༧

     ཉེ་ཆར། རྔ་བ་ཁུལ་གྱི་2016ལོའི་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་མ་བསྡུ་བའི་འཆར་གཞི་བཏོན། ཐེངས་འདིའི་འཆར་གཞིའི་ནང་དུ་སློབ་མ་བསྡོམས་པས་སློབ་མ་660བསྡུ་རྒྱུ་རེད། དེའི་ནང་སི་ཁྲོན་ཞིང་ཆེན་ཝེ་ཀྲུའུ་མི་རིགས་དགེ་ཐོན་སློབ་གྲྭས་སློབ་མ་300བསྡུ་བ་དང་སི་ཁྲོན་ཞིང་ཆེན་རྔ་བའི་འཕྲོད་བསྟེན་སློབ་གྲྭས་སློབ་མ་140བསྡུ་རྒྱུ། རྔ་བ་ཁུལ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭས་སློབ་མ་220བསྡུ་རྒྱུ་རེད།།