ལྗོངས་ཞིང་ལྔའི་བོད་རྒྱ་སྐད་གཉིས་སྨྱན་མང་ཁྲིད་ཆས་འགྲན་སྡུར་སྐབས་གསུམ་པའི་དཔྱད་འདེམ་བྱ་འགུལ་སྤེལ་འགོ་ཚུགས།

ཡོང་ཁུངས། ཁམས་པའི་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༦ ཚེས་ ༡
    ཉེ་ཆར། ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གི་བོད་རྩོམ་འགྲན་སྡུར་སྐབས་དང་པོའི་དཔྱད་བསྡུར་བྱ་འགུལ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་སྐད་གཉིས་བཅའ་སྡོད་ཆ་ཚང་སློབ་འབྲིང་དུ་སྤེལ་འགོ་བརྩམས། ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོའི་མཉམ་ལས་འགོ་ཁྲིད་ཚོགས་ཆུང་གཞུང་སྒྲུབ་ཁང་གི་འགོ་གཙོ་དང་དཔྱད་བསྡུར་དུ་ཕེབས་པའི་ལྗོངས་ཞིང་ལྔའི་ཆེད་མཁས་པ། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་སློབ་གསོ་ཅུས་ཀྱི་འབྲེལ་ཡོད་འགོ་གཙོ། རྔ་བ་རྫོང་བོད་རྒྱ་སྐད་གཉིས་སློབ་གྲྭའི་སློབ་གཙོ་དང་དགེ་རྒན་བཅས་མི་གྲངས་60ལྷག་མཛད་སྒོར་ཞུགས།།