ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༥ ཚེས་ ༡༨
སྤྱི་ཟླ་5པའི་ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་ཀའི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་སྤྱི་ཚོགས་ཚན་རིག་འཕེལ་རྒྱས་སུ་ཕྱིན་མེད་པའི་རྒྱལ་ཁབ་འཛམ་གླིང་གི་སྔོན་གྲས་སུ་ཚུད་མི་ཐུབ་ལ། ཕུན་སུམ་ཚོགས་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་མེད་པའི་རྒྱལ་ཁབ་ཀྱང་འཛམ་གླིང་གི་སྔོན་གྲས་སུ་ཚུད་དཀའ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏང་བར་མཚན་ཉིད་རིག་པ་དང་སྤྱི་ཚོགས་མཚན་རིག་གིས་གོ་གནས་གལ་ཆེན་ཟིན་ལ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ལས་བྱེད་པས་ཀྱང་ནུས་པ་གལ་ཆེན་ཐོན་ངེས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏང་བར་ངེས་པར་དུ་ཚད་མཐོ་བའི་སྒོ་ནས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལ་མཐོང་ཆེན་བྱེད་དགོས་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་དང་ཟུང་འབྲེལ་བྱས་ཏེ་མགྱོགས་མྱུར་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྒྲིག་འཛུགས་བྱ་དགོས་ཞེས་བསྟན།།