འཛམ་ཐང་རྫོང་གིས་སློབ་ཆུང་དགེ་རྒན་རྩ་འཛུགས་བྱས་ཏེ་རིག་གནས་རྨང་གཞིའི་ཤེས་བྱའི་རྒྱུགས་ལེན་ལ་ཞུགས།
ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༥ ཚེས་ ༡༨
སྤྱི་ཟླ་5པའི་ཚེས་15ཉིན། འཛམ་ཐང་རྫོང་གིས་2016ལོར་གྲངས་རིག་ཚན་ཁག་གི་སློབ་ཆུང་དགེ་རྒན་རྣམས་ལ་རིག་གནས་རྨང་གཞིའི་ཤེས་བྱའི་སྐོར་གྱི་རྒྱུགས་གཞི་དེ་འཛམ་ཐང་རྫོང་སློབ་འབྲིང་ནས་བླངས་ཤིང་། རྫོང་ཡོངས་ཀྱི་གྲངས་རིག་དགེ་རྒན་80ལྷག་རྒྱུགས་ལེན་ལ་ཞུགས། དེའི་ནང་རྒྱུགས་འབྲས་རྗེས་སུ་ལུས་ཡོད་པ་རྣམས་ལ་གུང་གསེང་སྐབས་གཅིག་སྡུས་ངང་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་རེད།།