ལི་ཐང་རྫོང་གི་ཡུལ་ཚོ་རེ་ལ་ཐབས་ཇུས་རེ་ཞེས་པའི་དབུལ་པོའི་ཡུལ་ཚོ་དབུལ་ཕོངས་ལས་ཐར་བར་རོགས་འདེགས་བྱས།

ཡོང་ཁུངས།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༥ ཚེས་ ༡༧
      ཉེ་ཆར། ལི་ཐང་རྫོང་འཛོམ་པ་ཡུལ་ཤོག་འཇའ་ཁུངས་ཡུལ་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཆོས་དར་གྱིས་དགའ་སྤྲོའི་ངང་། འཛོམ་པ་ཡུལ་ཚོའི་འབྲི་ཡག་གསོ་སྤེལ་མཉམ་ལས་ཁང་ནི་ལི་ཐང་རྫོང་གི་2016ལོའི་དབུལ་པོའི་ཡུལ་ཚོ་21གི་ཐོན་ལས་དབུལ་སྐྱོར་གྱི་དཔེ་མཚོན་མཚོན་ཞིག་ཡིན་ཞེས་བཤད། 
      དཀར་མཛེས་ཁུལ་ཡོངས་ཀྱི་ཕྱུགས་ལས་རྫོང་ཆེན་ཞིག་ཡིན་པའི་ཆ་ནས། དུས་ཡུན་རིང་པོའི་ཁྲོད། ཕྱུགས་ལས་ནི་ལི་ཐིང་རྫོང་གི་ཞིང་གྲོང་དཔལ་འབྱོར་གྱི་རྨང་གཞིའི་ཐོན་ལས་དང་རྐང་འཛིན་ཐོན་ལས་ཡིན།  དེང་རབས་ཅན་གྱི་ཕྱུག་ལས་ཞེས་པའི་ཐོན་ལས་སྤུས་རྟགས་ལེགས་པོ་ཅི་ལྟར་བསྐྲུན་པའི་ཐད་ནས། ད་ལོར་དབུལ་ཕོངས་ཐར་བའི་དབུལ་པོའི་ཡུལ་ཚོ་21གིས་རང་རང་ཐད་ནས་ནུས་ཤུགས་བཏོན།།