བོད་ཁུལ་ཞིང་ཆེན་བཞིས་ཁམས་ཕྱོགས་བོད་ཁུལ་དང་མཉམ་དུ་ཧྲིན་ཀྲིན་རྒྱལ་སྤྱིའི་རིག་གནས་ཐོན་ལས་འགྲེམ་སྟོན་ཉོ་ཚོང་བརྗེ་རེས་ཀྱི་ཚོགས་འདུའི་ཐོག་ཞུགས་པ།
ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༥ ཚེས་ ༡༣
སྤྱི་ཟླ་5པའི་ཚེས་12ཉིན། མཛེས་སྡུག་གི་ཁམས་པ། དྭངས་གཙང་གི་ཁྱིམ་གཞིས་ཅེས་པའི་སི་ཁྲོན་དང་ཡུན་ནན། མཚོ་སྔོན། བོད་ལྗོངས་བཅས་ཀྱི་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་ཡུལ་སྐོར་ཐོན་རྫས་མཉམ་འབྲེལ་འགྲེམ་སྟོན་ཏེ་ཧྲིན་ཀྲིན་འགྲེམ་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་འགོ་ཚུགས།

འགོ་ཚུགས་མཛད་སྒོའི་ཐོག ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་དཔོན་གཞོན་པ་ལན་ཧྥོ་ཨན་དང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། དཀར་མཛེས་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བ། ཆབ་མདོ་གྲོང་ཁྱེར། ཡུལ་ཤུལ་ཁུལ། བདེ་ཆེན་ཁུལ་སོགས་ཀྱི་འགོ་ཁྲིད་རྣམས་འགྲེམ་སྟོན་ཐོག་ཞུགས། །
