སྒྱུ་རྩལ་པ་བརྒྱ་ལྷག་གིས་ཁྲོ་ཆུ་རྫོང་དུ་རིག་རྩལ་འཁྲབ་སྟོན་གྱི་ལམ་ནས་དབུལ་སྐྱོར་བྱེད་སྒོ་སྤེལ།
ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༥ ཚེས་ ༡༡

ཉིན་གཉིས་ཀྱི་བྱེད་སྒོའི་ཁྲོད། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་ཡིག་གཟུགས་པ་དང་རི་མོ་བ་རྣམས་ཀྱིས་རང་ཉིད་ཀྱི་སྨྱུག་རྩལ་ངོམ་ནས་ཁྲོ་ཆུ་རྫོང་ལ་བརྩམས་ཆོས་རྩ་ཆེན་བརྒྱད་བཅུ་ལྷག་བཞག བྱེད་སྒོའི་ཁྲོད་ད་དུང་ཆུ་ཚད་མཐོ་བའི་དམངས་ཁྲོད་ཀྱི་འཁྲབ་སྟོན་ལེ་ཚན་རྩ་འཛུགས་བྱས་ཏེ། མིང་གྲགས་ཅན་གྱི་སྒྱུ་རྩལ་འཁྲབ་སྟོན་པ་དང་རིག་རྩལ། དང་བླངས་བ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་སྟེགས་བུའི་ཐོག་ཏུ་བུད་ནས་འཁྲབ་སྟོན་བྱས་པས། མང་ཚོགས་ཀྱི་གདེང་འཇོག་ཚད་མཐོན་པོ་གནང་།