དཀར་མཛེས་ཁུལ་ཧྲང་ཧེ་རུ་བསྐྱོད་ནས་མཉམ་ལས་རྣམ་གྲངས་203བཏོན།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༥ ཚེས་ ༡༡

    སྤྱི་ཟླ་5པའི་ཚེས་9ཉིན། དཀར་མཛེས་ཁུལ་ཡུལ་སྐོར་དང་མ་འཇོག་མཉམ་ལས་འོས་སྦྱོར་ཚོགས་འདུ་དེ་ཧྲང་ཧེ་རུ་བསྡུ་འཚོགས་བྱས་ཏེ། ཁྱོན་བསྡོམས་མ་འཇོག་མཉམ་ལས་རྣམ་གྲངས་203བཏོན་པ་དང་། ཚོད་རྩིས་བྱས་ན་མ་འཇོག་སྒོར་དུང་ཕྱུར་932དང་བྱེ་བ་5ཟིན། དེའི་ཁྲོད་དུ་ཡུལ་སྐོར་རིགས་ཀྱི་རྣམ་གྲངས་60ཟིན་པ་དང་ཚོད་རྩིས་མ་འཇོག་སྒོར་དུང་ཕྱུར་232དང་བྱེ་བ་5ས་ཡ་8ཟིན་ཡོད། །